悲伤的音符-德格吉

悲伤的音符-德格吉2018-10-23T04:22:52+00:00

悲伤的音符-德格吉

·音乐/声音 - MV·纪录片 - 人文/历史6.5w播放3.7w人气值
发布时间:2018-10-23 12:22

扫码使用新片场app投屏

ཨ་ཕའི་གསེར་ཞལ་མཇལ་སྐལ་མ་ལྡན་པའི་དྭ་ཕྲུག་མ་ངའི་སྐྱོ་ཡུས་སྡུག་ཡུས་འདི་ལོ་ཟླའི་འཕྱ་སྨོད་དང་ཁྲེལ་དགོད། སྤྱི་ཚོགས་ཀྱི་བརྙས་བཅོས་དང་འཚོ་བའི་སུན་བཙེར་སོགས་གང་མང་ཞིག་གིས་གཙེས་ཤིང་མནར་ནའང་། ན་ཟུག་འདི་དང་དྲན་གདུང་འདི་ཤ་རུས་པའི་གཏིང་མར་ཉར་བཞིན་དཀའ་སྡུག་གི་ཁོར་ཡུག་ཅིག་ལ་ཁེར་རྐྱང་ངང་གདོང་གཏད་དགོས་པ་ནི་མི་ཚེའི་བགོ་སྐལ་ལྟ་བུ་ཡིན་པ་འདྲ། ད་ལམ་གདུང་ཚོར་འདི་མཚོན་ཙམ་དུ་ཚིག་དབྱངས་གཉིས་ཀ་རང་ཉིད་ཀྱིས་རྩོམ་ཁུལ་བྱས་པའི་གླུ་གཞས་༼གདུང་དབྱངས་གཉོམ་པོ།༽་ཟེར་བ་འདི་ཚོར་བའི་རྨུ་ཐག་ལ་བརྒྱུས་ཏེ་སྤྱི་ཚོགས་ཀྱི་དྲྭ་ལམ་སོ་སོར་དགྲམ་འཆར་ཡོད་པའི། གླུ་གཞས་འདི་ནི་དྲིན་ཆེན་གྱི་ཨ་ཕར་རྗེས་དྲན་ཞིག་གི་ཚབ་ཏུ་ཕུལ་རྒྱུ་ལགས་ན་ཀུན་གྱིས་རྒྱབ་སྐྱོར་རེ་གནང་རོགས་ཞུ་ཞུ།གཞས་མ་གནས་འགྲོ་མའམ་གདུགས་དཀར་སྐྱིད་ཀྱིས་བོད་ཟླ9བའི14དགོང་མོ་གུས་བའི་ཕུལ།

评论

等待加载中…