罗布林卡的朝圣者
2019-02-03T09:29:15+00:00扫码使用新片场app投屏
ནོར་བུ་གླིང་ག་ཟེར་བ།།
གཞིས་ཀ་ཆུང་ཆུང་ཟིག་རེད།།
ཨ་ཇོ་ཉི་མ་སེར་བོ།།
འཛམ་བུ་གླིང་གི་བརྒྱན་རེད།།
ཕྱག་བསྐོར་ལན་གསུམ་བརྒྱབ་པ།།
ནོར་གླིང་མཛེས་པས་མ་ཡིན།།
ལྷ་སྐུ་ཕྱག་སྟོང་མང་བོ།།
ཉིད་ཀྱི་དད་རྟེན་ཡིན་སོང་།།
གླིང་གའི་ནང་གི་ནོར་བུ།།
རྒྱ་མཚོའི་གཏིང་ན་ཡོད་ཀྱང་།།
བྱིན་རླབས་འོད་ཀྱི་ཟེགས་མ།།
བོད་ཡུལ་ལུང་པའི་སྐྱིད་རེད།།
ནོར་བུ་གླིང་ག་མཇལ་མཁན།།
སྨད་ཕྱོགས་འབྲོག་གི་ཡིན་པས།།
དད་འདུན་སེམས་ཀྱི་ལྷ་ཕྱག།
སྟོད་ནས་སྟོད་ལ་འཚལ་ཡོད།།
གཞིས་ཀ་མི་འགྱུར་བཀྲ་ཤིས།།
ཨ་ཇོ་ཚེ་རིང་ལོ་བརྒྱ།།
གཞིས་བྱེས་འཛོམས་པའི་དགའ་སྟོན།།
སྙན་མོ་གཞས་ཀྱིས་བསུ་ཆོག །
标签
评论
等待加载中…