《羊群》诗歌朗读

《羊群》诗歌朗读2019-05-20T13:33:48.000Z

《羊群》诗歌朗读

·宣传片 - 影视/综艺·音乐/声音 - MV4.8k有效播放1.6k人气值发布时间:2019-05-20 21:33原创

扫码使用新片场app投屏

ཁྱོད་ཀྱིས་འཚོས་མྱོང་བའི་ལུག་ཁྱུ་དེ་ཡར་མར་ཀུན་ཏུ་ཞོགས
你曾放牧的羊群惊跑四方
གཡའ་སྤང་གི་ངོས་སུ་ཞོགས
惊跑到石山草地
གྲིའི་ངོས་སུ་ཞོགས
惊跑到刀面
རྨི་ལམ་དུ་ཞོགས
惊跑到梦里
མཐར་ཞོགས་ས་མ་རྙེད་པར་ངའི་པང་དུ་ཞོགས
终究找不到方向而奔向我的怀抱
སྒྲོག་གུ་རེ་རེ་བརྟོལ་ནས
解开每一粒纽扣
ངའི་ཤའི་སྐྱིབས་འོག་ཅིག་ཏུ་ཞོགས
跑到我的肌肤下
དེ་ནས་ཀྱང་སྡོད་མ་ཐུབ་པར་མུ་མཐུད་དུ་ཞོགས
这里也坐不住且继续跑
ཤ་ལ་རྨ་ཁ་བཏོད་ནས་ཁོག་པའི་ནང་དུ་ཞོགས
钻过肌肤跑到了腹中
ཞོགས་ཀྱིན་ཞོགས་ཀྱིན
跑着跑着
ངའི་ཟུངས་རྩ་ཞིག་བརྒྱུད་ནས་ཞོགས
沿着我的脉搏奔去
རྨིག་པ་དང་རྭ་མཁྲེགས་པོ་དག་གིས་ངའི་རུས་ཚིགས་ལ་
བརྡར་གྱིན་ཞོགས
蹄子与角磨着我的骨格奔窜
སེམས་པ་དམར་པོའི་སྟེང་དུ་ཞོགས
奔窜到我的心中
སེམས་པ་དམར་ལྷིང་ངེའི་སྟེང་དུ
活生生的心脏上
ཁྱོད་ཀྱིས་འཚོས་མྱོང་བའི་ལུག་ཁྱུ་དེ་དཀར་འཚུབ་འཚུབ་ཞོགས
你曾放牧的羊群奔窜
ད་ལྟ སྙིང་དུ་སྡུག་པའི་ལུག་ཁྱུ་དེས
至今 那可爱的羊群
ངའི་དབང་བོ་ལྔ དུག་གསུམ དོན་ལྔ་སྣོད་དྲུག་སོགས་བརྒྱུད་ནས
经过我的五根 三毒 五脏六腑
སླར་ཡང་ཚ་ཧྲག་གེར་མེའི་གོང་བུ་ཞིག་ལྟར
又如同一团火焰
གཞན་ཞིག་ཏུ་ཞོགས་པར་རྩོམ
开始奔窜到另一方

标签

评论

等待加载中…