2019青年女歌手德吉卓玛新歌曲《独行者》宣传片

2019青年女歌手德吉卓玛新歌曲《独行者》宣传片2019-05-25T07:32:40+00:00

2019青年女歌手德吉卓玛新歌曲《独行者》宣传片

·宣传片 - 其他·音乐/声音 - MV2.0w播放4.2k人气值
发布时间:2019-05-25 15:32

扫码使用新片场app投屏

གླུ་མ་བདེ་སྐྱིད་སྒྲོལ་མ་ནི་རྨ་ཁུག་མགོ་ནོར་བུ་དགའ་འཁྱིལ་དུ་འབོད་པའི་རྨ་ཆུའི་རྩྭ་ཐང་ནས་ལང་ཚོའི་གཉོམ་ལག་རྒྱས་པའི་བོད་མོ་ཞིག་ཡིན་ཞིག་ལ། ལྷན་སྐྱེས་ཀྱི་སྐད་ངག་སྙན་མོ་ཞིག་ཡོད་པའི་ཐོག་གླུ་ལེན་སྒྱུ་རྩལ་ལ་ཤིན་ཏུ་སྤྲོ། སྔ་ཕྱིར་རོལ་མོ་བ་ན་ན་ལགས་ཀྱི་བརྩམས་ཆོས་གཅེས་བསྡུས་སོགས་སུ་རང་ཉིད་ཀྱི་དགའ་སྐྱོ་ཆགས་སྡང་གླུ་ངག་གི་མགྲིན་པར་དྲངས་ནས། མི་ཡུལ་དུ་ཟས་རིན་ཙམ་གྱི་ཚབ་ཏུ་འབུལ་དང་ཕུལ་ཟིན་ལ། ད་རེས་ཡང་ཚིག་རྩོམ་པ་པོ་ལྷོ་བུ་དོན་གྲུབ་ལགས་དང་དབྱངས་རྩོམ་པ་པོ་དཔལ་ལྡན་གྲགས་པ་རྣམ་པ་གཉིས་ཀྱིས་ཚིག་དང་དབྱངས་ཀྱི་ང་རོ་བསྩལ་བའི་རྐྱང་གཞས༼ཁེར་རྐྱང་༽ཞེས་པ་མི་འགྱང་བར་དྲ་ལམ་སོ་སོ་ནས་འགྲེམ་སྤེལ་བྱ་རྒྱུ་ཡིན་པས། རྣམ་པ་ཚོས་བརྒྱུད་བསྐུར་དང་ཐུགས་ཁུར། གདེངས་འཇོག་གང་མང་གནང་བའི་རེ་བ་དང་སྨོན་འདུན་ཡང་ཡང་ཞུ།

标签

评论

等待加载中…