心中的牧女

心中的牧女2019-07-16T04:05:45+00:00

心中的牧女

·宣传片 - 影视/综艺·音乐/声音 - MV1.0k播放280人气值
发布时间:2019-07-16 12:05

扫码使用新片场app投屏

ངའི་འབྲོག་མོ། གཞས་ཚིག     འབྲོག་སེང་སྐལ་བྷེ། གཞས་གདངས།     གྲོང་ནོར་བུ། གཞས་པ།     རིན་ཆེན་རྡོ་རྗེ། སྐྱ་གསལ་ལེར་སྐྱ་རེངས་འཇོག་དུས་སུ།། དོན་འགོ་མའི་རྨི་ལམ་དཀྲོགས་མཁན་ཞིག ། རྩྭ་ཟིལ་བ་ཤག་ཤག་གཏོར་མཁན་ཞིག ། ད་གླེང་ན་གནའ་ཡི་གནའ་གཏམ་རེད།། ངའི་འབྲོག་མོ    ངའི་ལྷ་མོ ངའི་འདང་གི་རྨི་ལམ་ཁྱོད་རང་ཡིན།། ངའི་ཚིག་གི་རི་ལུ་ཁྱོད་རང་ཡིན།། གངས་ཁ་བ་གཉིས་ཀྱི་འདབས་རོལ་ནས།། སྦྲ་མཐིང་སྨུག་ཁ་རུ་བརྒྱོངས་མཁན་ཞིག ། མར་ཆུར་བ་སྣོད་དུ་བསོགས་མཁན་ཞིག ། དུས་དེ་ནི་གནའ་ཡི་གནའ་གཏམ་རེད།། ངའི་འབྲོག་མོ      ངའི་ལྷ་མོ ངས་སྐྱིད་ཀྱི་རུ་མ་ཁྱོད་ལས་རྙེད།། ངས་གཡང་གི་ཁ་ཞབས་ཁྱོད་ལས་རྙེད།། དགུང་ཉི་ཟླ་ཆུང་རོགས་རྒས་རོགས་ཡིན།། གངས་དཀར་པོ་དགོད་རོགས་ངུ་རོགས་ཡིན།། སྨན་ཅོ་ཐོག་ཀུན་གྱི་ཡང་ཏོག་ཞིག ། སྨན་དེ་ནི་གནའ་མྱི་གནའ་གཏམ་རེད།། ངའི་འབྲོག་མོ       ངའི་ལྷ་མོ ངའི་དབྱངས་གི་འབབ་སྟེགས་ཁྱོད་ཀྱིས་མཚོན།། ངའི་ཚིག་གི་བཞུར་སྟངས་ཁྱོད་ཀྱིས་མཚོན།།

标签

评论

等待加载中…