ཡག་ཤུལ་ཚེ་རིང་རྡོ་རྗེ།

ཡག་ཤུལ་ཚེ་རིང་རྡོ་རྗེ།2019-07-24T02:39:27+00:00

ཡག་ཤུལ་ཚེ་རིང་རྡོ་རྗེ།

·音乐/声音 - MV2.8w播放9.6k人气值
发布时间:2019-07-24 10:394K

扫码使用新片场app投屏

གཞོན་པ་ང་ཚོ། ཚིག རྒྱལ་ཚང་འཇམ་དབྱངས་ཤེས་རབ། དབྱངས། ཡག་ཤུལ་ཚེ་རིང་རྡོ་རྗེ། གཞས་པ། ཡག་ཤུལ་ཚེ་རིང་རྡོ་རྗེ། ཁྱོད་ཀྱིས་ང་ལ་བརྩི་བཀུར་བྱེད་ཀྱང་ཆོག། ཁྱོད་ཀྱིས་ང་ལ་མཐོང་ཆུང་བྱེད་ཀྱང་རུང་།། ཀུན་ལ་མིག་གཉིས་ཡོད་པ་འདྲ་ན་ཡང་།། ལྟ་ཚུལ་མི་འདྲ་སོ་སོའི་རང་གཤིས་རེད།། ལང་ཚོ་ངོམ་དང་མགོ་འཕང་མཐོ་བ་ནི།། གཞོན་པ་ང་ཚོའི་ལུས་ཀྱི་ཁྱད་ཆོས་ཡིན།། ཚེ་འདིར་ཕོ་གསར་མོ་གསར་གྱི་དུས་ཚོད་གཅིག་ལས་མེད་པས། ངས་ཁྱོད་ལ་ཕོག་ཐུག་བཏང་ཡོད་ན། དགོངས་དག་ཞུ། ཁྱོད་ཀྱིས་ང་ལ་བསྟོད་བསྔགས་བྱེད་ཀྱང་ཆོག། ཁྱོད་ཀྱིས་ང་ལ་འཕྱ་སྨོད་བྱེད་ཀྱང་རུང་།། ཀུན་ལ་ཁ་གཅིག་ཡོད་པ་འདྲ་ན་ཡང་།། བཤད་ཚུལ་མི་མཐུན་སོ་སོའི་རང་གཤིས་རེད།། སྨྲ་ལྕེ་བདེ་དང་སྐད་ཆ་མང་བ་ནི།། གཞོན་པ་ང་ཚོའི་ངག་གི་ཁྱད་ཆོས་ཡིན།། ཚེ་འདིར་ཕོ་གསར་མོ་གསར་གྱི་དུས་ཚོད་གཅིག་ལས་མེད་པས། ངས་ཁྱོད་ལ་ཕོག་ཐུག་བཏང་ཡོད་ན། དགོངས་དག་ཞུ། ཁྱོད་ཀྱིས་ང་ལ་ཡིད་སྨོན་བྱེད་ཀྱང་ཆོག། ཁྱོད་ཀྱིས་ང་ལ་ཕྲག་དོག་བྱེད་ཀྱང་རུང་།། ཀུན་ལ་སེམས་གཅིག་ཡོད་པ་འདྲ་ན་ཡང་།། དྲན་ཚུལ་མི་མཚུངས་སོ་སོའི་རང་གཤིས་རེད།། སྣང་བ་མཐོ་དང་ང་རྒྱལ་ཆེ་བ་ནི།། གཞོན་པ་ང་ཚོའི་ཡིད་ཀྱི་ཁྱད་ཆོས་ཡིན།། ཚེ་འདིར་ཕོ་གསར་མོ་གསར་གྱི་དུས་ཚོད་གཅིག་ལས་མེད་པས། ངས་ཁྱོད་ལ་ཕོག་ཐུག་བཏང་ཡོད་ན། དགོངས་དག་ཞུ།

标签

评论

等待加载中…