歌手卓格吉最新单曲

歌手卓格吉最新单曲2019-09-14T13:36:16+00:00

歌手卓格吉最新单曲

·音乐/声音 - MV·短视频 - 其他2.4w播放8.0k人气值
发布时间:2019-09-14 21:36

扫码使用新片场app投屏

ངང་བའི་མཚོ་སྐོར། 天鹅飞旋 ཚིག རྡོ་གྲགས། 歌词: 朵扎 དབྱངས། ཐར་ཆེན། བུ་མོ་ང་ཡི་མཛེས་སྡུག་གི་ལང་ཚོ། 姑娘我美丽的容貌 མཚོ་ཆེན་ཁྲི་གཤོག་རྒྱལ་མོའི་འགྲམ་ནས་བཞད། 绽放在那青海湖畔 གསེར་མདོག་ཉི་འོད་འོག་གི་ཁྲི་གཤོག་རྒྱལ་མོ། 阳光照耀的青海湖 བུ་མོ་ང་ཡི་བཞིན་གྱི་འཛུམ་མདངས་ཡིན། 如同姑娘我灿烂的笑容 དུང་མདོག་ཟླ་འོད་འོག་གི་ཁྲི་གཤོག་རྒྱལ་མོ། 月光点缀的青海湖 བུ་མོ་ང་ཡི་སེམས་ཀྱི་ཁ་དོག་ཡིན། 如同姑娘我纯洁的心灵 བུ་མོ་ང་ཡི། སྙན་འཇེབས་ཀྱི་སྐད་ངག 姑娘我美妙的歌声 མཚོ་ཆེན་ཁྲི་གཤོག་རྒྱལ་མོའི་པང་ནས་བཞད། 萌芽在那青海湖畔 དཀར་པོ་བྱ་ཁྱུས་བསྐོར་བའི་ཁྲི་གཤོག་རྒྱལ་མོ། 歌声伴随白群鸟 བུ་མོ་ང་ཡི་སྙན་པའི་གཞས་ཆུང་ཡིན། 飞翔在那蓝天与湖泊之间 འབའ་འབའ་ལུག་གུས་བསྐོར་བའི་ཁྲི་གཤོག་རྒྱལ་མོ། 音符融入洁白的羊群 བུ་མོ་ང་ཡི་ངག་གི་དབྱངས་རྟ་ཡིན། 荡漾在那鲜花与青草之中 ཨ། བུ་མོ་ང་ནི། བུ་མོ་ང་ནི། བུ་མོ་ང་ནི། 姑娘我 ཁྲི་གཤོག་རྒྱལ་མོའི་འགྲམ་གྱི་མེ་ཏོག་རྐང་གཅིག་ཡིན། 本是一朵鲜花生长在那青海湖畔 ཨ། བུ་མོ་ང་ནི། བུ་མོ་ང་ནི། བུ་མོ་ང་ནི། 姑娘我 ཁྲི་གཤོག་རྒྱལ་མོའི་འགྲམ་གྱི་ངང་བ་སེར་པོ་ཡིན། 本是一只天鹅盘旋在那青海湖畔 བུ་མོ་ང་། མེ་ཏོག་ཅིག་གི་སྐྱེ་བ་བླངས་བླངས་ལ། 姑娘我此生化作一朵花 ཡུལ་ལྗོངས་ཤིག་གི་ཁ་དོག་འབྲི་བཞིན་འགྲོ། 用青春塑造一方水土 དུས་ཚིགས་གཅིག་གི་མཛེས་སྡུག་བསྐྲུན་ནས་འགྲོ། 用心灵描绘一方风景 བུ་མོ་ང་། ངང་ཆུང་ཞིག་གི་གཤོག་རྩལ་ཡོད་ཡོད་ལ། 姑娘我今生变作一只鸟 ལོ་ཟླ་ཞིག་གི་གཏམ་རྒྱུད་བཤད་བཞིན་འགྲོ། 用双翼倾诉一段岁月 མཚོ་ཆེན་ཞིག་གི་མཛེས་སྡུག་བརྗོད་བཞིན་འཕུར། 用妙音唱响海湖之美 ཨ། བུ་མོ་ང་ནི། བུ་མོ་ང་ནི། 啊 姑娘我 ཁྲི་གཤོག་རྒྱལ་མོའི་འགྲམ་གྱི་མེ་ཏོག་རྐང་གཅིག་ཡིན། 本是一朵花 开放在那青海湖畔 ཨ། བུ་མོ་ང་ནི། བུ་མོ་ང་ནི། 啊 姑娘我 ཁྲི་གཤོག་རྒྱལ་མོའི་འགྲམ་གྱི་ངང་བ་སེར་པོ་ཡིན། 本是一只鹅 翱翔在那青海湖畔

标签

评论

等待加载中…