歌手罗萨最新歌曲

歌手罗萨最新歌曲2019-09-22T04:38:30+00:00

歌手罗萨最新歌曲

·宣传片 - 影视/综艺·音乐/声音 - MV3.9w播放1.3w人气值
发布时间:2019-09-22 12:38

扫码使用新片场app投屏

སེམས་ཁོང་གི་ཉི་མ་ནུབ་སོང་། ཚིག མཁན་དགེ་ལེགས་ཚུལ་ཁྲིམས། དབྱངས་བློ་གསལ། ལེན་མཁན་བློ་གསལ། དུས་གསུམ་རྒྱལ་བའི་སྤྱི་གཟུགས་པད་འབྱུང་གི་སྤྲུལ་བ།། མ་ལུས་འགྲོ་བའི་སྐྱབས་གཅིག་མཚུངས་མེད་ཀྱི་འདྲེན་མཆོག། སྙིང་དབུས་མི་ཤིག་འོད་ལྔའི་གུར་ཁྱིམ་ན་བཞུགས་པའི།། བུ་ངའི་རིགས་བདག་པད་མ་ཚེ་དབང་དེ་མཁྱེན་ནོ།། ཀ་དག་སྤྲོས་པ་བྲལ་བའི་གནས་ལུགས་ཀྱི་གཞི་ལ།། ཞལ་ཕྱག་མཚན་མ་བྲལ་བའི་ངེས་དོན་གྱི་བླ་མ།། རང་བྱུང་རིག་པའི་ཀློང་ནས་རང་ཞལ་དེ་མཇལ་ནས།། དོན་རྒྱུད་དགོངས་པ་རྟོགས་པའི་དངོས་གྲུབ་ཅིག་སྩོལ་ཤོག། སྤྲིན་པ་ཐར་ཐོར་གསེབ་ནས་ཉ་གང་གི་ཟླ་བ།། རྒྱུ་སྐར་བྱེ་བའི་དབུས་ན་མངོན་འཕགས་ཀྱིས་རྒྱུ་སྐབས།། མཁས་སྟོང་གྲུབ་བརྒྱའི་གཙུག་ནོར་མཚུངས་མེད་ཀྱི་མགོན་མཆོག། དབྱངས་ཅན་དགའ་བའི་གོ་ཆ་སྙིང་དབུས་ནས་དྲན་བྱུང་།། སྟོན་འཁོར་མཉམ་དུ་འཛོམས་པའི་སྐལ་བཟང་གི་དུས་སུ།། དཔལ་ལྡན་དུས་འཁོར་ལ་སོགས་དབང་ཆེན་གྱི་སྐབས་སུ།། རིག་སྟོང་གཉིས་མེད་ཆོས་སྐུའི་རང་ཞལ་ལ་སྤྲོ་བས།། མ་བཅོས་གཉུག་མར་འཇོག་དགོས་གསུངས་པ་ནི་དྲན་ནོ།། འཁོར་འདས་རྣམ་རྟོག་ཙམ་སྟེ་གུད་ན་ཡང་མི་གདའ།། མཐོང་ཚད་འཁྲུལ་བ་ལགས་ཏེ་བདེན་པར་ནི་མ་འཛིན།། འདི་དོན་ཇི་བཞིན་རྟོགས་ན་སངས་རྒྱས་ཡིན་གསུངས་པའི།། ཕ་རྒན་དྲིན་ཆེན་བླ་མའི་ཞལ་ཆེམས་དེ་དྲན་བྱུང།། ཕར་བལྟས་འཁོར་བའི་གྲོང་ན་སྡུག་བསྔལ་གྱི་ཟིན་འདུག།། ཚུར་བལྟས་རང་སེམས་འདི་ནི་གཡོ་སྒྱུ་ཡི་བཀང་འདུག། ཕྱི་ནང་བར་གསུམ་ཀུན་ན་བློ་གཏད་ནི་མི་འདུག།། བློ་གཏད་སྙིང་ནས་ཁེལ་བའི་བླ་མ་རྗེ་དྲན་བྱུང་།། རང་ཅག་སྙིགས་མ་ལྔ་བདོའི་སེམས་ཅན་གྱི་དོན་ལ།། བསམ་བཞིན་སྐྱེ་བ་བཞེས་པ་ཡིད་བཞིན་གྱི་ནོར་བུ།། ལས་ངན་དྭ་ཕྲུག་འཁྱམས་པོ་རྗེས་ཤུལ་དུ་བཞག་ནས།། ཁྱེད་ཉིད་དག་པའི་ཞིང་དུ་ཕེབས་དོན་ནི་ཅི་ཡིན།། བཀའ་དྲིན་གཞལ་མཐའ་བྲལ་བའི་དྲིན་ཆེན་གྱི་བླ་མ།། བཟོད་མེད་གདུང་བའི་ཤུགས་ཀྱིས་རྒྱང་འབོད་ནི་བྱེད་ཚེ།། སྒྲིབ་མེད་ཡེ་ཤེས་སྤྱན་གྱིས་མངོན་སུམ་དུ་གཟིགས་ནས།། དགྱེས་ཞལ་ལན་གཅིག་མཇལ་བའི་བཀའ་དྲིན་ཞིག་སྩོལ་ཤོག། སྐྱབས་མེད་མགོན་བྲལ་སོང་བའི་དྭ་ཕྲུག་གི་ཚོགས་ཀྱི།། དད་གསུམ་སོར་བཅུའི་ཐལ་མོ་སྙིང་ག་རུ་སྦྱར་བཞིན།། བཤད་སྒྲུབ་བསྟན་པའི་གཞི་མ་སྔར་བཞིན་དུ་བཟུང་ནས།། མགོན་ཁྱེད་རྡོ་རྗེའི་ཁྲི་ལ་ནམ་འབྱོན་ནི་སྒུག་ཡོད།། སྐྱོ་སོང་སྐྱོ་སོང་ཕྱི་མའི་འགྲོ་ཆས་ལ་སྐྱོ་སོང་།། མཁྱེན་ནོ་མཁྱེན་ནོ་དྲིན་ཆེན་བླ་མ་རྗེ་མཁྱེན་ནོ།། ད་ནི་མི་ཚེའི་ལྷག་མ་ཅི་ཡོད་ནི་མི་ཤེས།། སྒོ་གསུམ་བླ་མ་མཉེས་པའི་མཎྜལ་ནི་སྒྲུབ་རན།། སྒོ་ངའི་ནང་ནས་འདབས་གཤོག་རྒྱས་པ་ཡི་བྱ་ཚོགས།། རྒྱ་དང་བྲལ་བའི་ནམ་མཁའི་ཀློང་ཡངས་ན་གནས་ཡོད།། ཐེག་པའི་ཡང་རྩེ་རྡོ་རྗེ་སྙིང་པོ་ཡི་དགོངས་དོན།། ཇི་བཞིན་རྟོགས་པའི་རྣལ་འབྱོར་སྐལ་བཟང་རྣམས་སྐྱིད་དོ།། དགོས་མེད་ས་མཐའ་འགྲིམ་པའི་ཨ་རིག་གི་སྨྱོན་པས།། སྙིང་ག་དཔལ་གྱི་བེའུ་གསང་མཛོད་ནས་བརྡོལ་བའི།། རང་སྣང་གང་ཤར་བརྗོད་པའི་གཉུག་མ་ཡི་གླུ་འདི།། མཁས་རྣམ་དགྱེས་བྱེད་མེད་ཀྱང་བྱ་ཐབས་ནི་མ་མཆིས།། རང་སེམས་བླ་མར་རྟོགས་ན་རྒྱང་རིང་ཞིག་མེད་ཁི།། མ་རྟོགས་འཁོར་བར་འཁྱམ་པའི་ཕ་མ་རྣམས་སྙིང་རྗེ།། ཆོས་ཟད་བློ་ལས་འདས་པའི་བདེ་ལྡན་གྱི་ཞིང་མཆོག། རིང་མིན་ཚེ་ལུས་འདི་རུ་འཐོབ་པར་ནི་སྨོན་ནོ།། 掉念恩师 作词:格勒次成堪布 作曲:罗萨 演唱:罗萨 三世诸佛之本莲花师转世 救赎众生脱离苦海之怙主 永驻尔等弟子内心的深处 祈祷吾主白玛才旺胜加持 无暇诸佛教典真理之根本 乐空圣妙智慧之身吾上师 自在智慧之中显现真尊身 祈祷具德上师垂赐共悉地 几片云朵之间游离的月亮 皎洁显在满天繁星之中间 想起妙音天女爱徒根本师 教证法藏海洋尊主吾上师 师徒相聚吉祥胜殊之时日 殊胜法论法会加持灌顶日 尔等上师加持修法无障碍 三昧耶戒清净修行之教诲 世间一切皆空无从寻根本 虚无缥缈眼见皆是障眼云 深知真理只有佛祖如来神 记起吾乃根本上师之遗言 目睹尘世落入无尽苦难中 扪心细思自身三昧未清净 内心未能清净趋正修佛法 此时想起吾乃怙主慈悲佛 为了尔等末法时代的众生 降生人间慈护广利如意宝 为何抛下尔等可怜众徒弟 怙主本尊决意归去诸佛界 恩重如山慈悲怙主根本师 悲痛欲绝掉念呼唤上师佛 祈祷除去障云犹如净明亮 有缘根本上师足前敬祈祷 离开根本上师庇佑的弟子 双手合十虔诚祈祷上师尊 又将为了弘扬佛法广二利 恭候怙主转世灵童登基日 难忍独自踏上黄泉的痛苦 祈祷根本上师慈悲的护佑 生命之灯不知在何时熄灭 应当虔诚供养根本上师尊 展翅高飞熟练飞行的鸟群 在那无边天机自由的翱翔 修得殊胜如意成就诸悉地 修法趋向正道喜乐修行者 无事游离他乡阿柔的疯子 真情流露思念恩师的歌儿 不加修饰是乃真心所使然 未能写出智者心悦的句子 戒下三昧轻易趋入正法道 可怜愚昧留恋尘世之众人 祈祷我佛加持修行之究竟 获得解脱终究修得大觉成

标签

评论

等待加载中…