MV | 2019 藏族歌手“俄谢”新单曲《玛域果洛》

MV | 2019 藏族歌手“俄谢”新单曲《玛域果洛》2019-10-10T13:57:32+00:00

MV | 2019 藏族歌手“俄谢”新单曲《玛域果洛》

·音乐/声音 - MV2.8w播放9.3k人气值
发布时间:2019-10-10 21:574K

扫码使用新片场app投屏

རྨ་ཡུལ་མགོ་ལོག ཚིག མགོ་ལོག་པདྨ། དབྱངས། དམངས་ཁྲོད། གཞས་པ། འོད་ཤེར། སྟོད་ན་རྨ་ཆེན་ལྷ་རིའི་དབུ་འཕངས་མཐོ། འདབས་ན་རྨ་ཀླུང་གཙང་བོའི་བཞུར་རྒྱུན་རིང་། བར་ན་གཉན་པོ་གཡུ་རྩེའི་གཟི་བྱིན་འབར། ཨེ་མ་གནས་འདིའི་རི་ཆུ་མཚར་སྡུག་ཆེ། ཨེ་མ་རྨ་ཡུལ་མཛེས་པའི་ཕ་ཡུལ། ཨེ་མ་མགོ་ལོག་སྐྱིད་པའི་ཕ་ཡུལ། ལྷ་ཕྲུག་ཇོ་རུའི་མཛད་འཕྲིན་འདི་ན་རྒྱས། སྨན་ཆུང་འབྲུག་མོའི་དབྱངས་རྟ་འདི་ན་སྙན། དཔའ་རྟུལ་ཕུ་ནུའི་ཞབས་རྗེས་འདི་ན་གསལ། ཨེ་མ་གནས་འདིའི་འཁྲུངས་རབས་ངོ་མཚར་ཆེ། ཨེ་མ་རྨ་ཡུལ་མཛེས་པའི་ཕ་ཡུལ། ཨེ་མ་མགོ་ལོག་སྐྱིད་པའི་ཕ་ཡུལ། དཀར་ནག་ཕྱུགས་ཀྱི་འཕེལ་ཁ་ཕྱོགས་སུ་དར། རིན་ཆེན་གཏེར་སྣའི་ཐོན་ཁུངས་ཕུན་སུམ་ཚོགས། སྟོབས་འབྱོར་མངའ་ཐང་ཀླུ་ཡི་ཡུལ་ལ་འགྲན། ཨེ་མ་གནས་འདིའི་འབྱོར་ཕྱུག་བློ་ལས་འགོངས། ཨེ་མ་རྨ་ཡུལ་མཛེས་པའི་ཕ་ཡུལ། ཨེ་མ་མགོ་ལོག་སྐྱིད་པའི་ཕ་ཡུལ།

标签

评论

等待加载中…