གདུགས་དཀར་ཡག འབུམ་མཚོ་སྐྱིད།

གདུགས་དཀར་ཡག འབུམ་མཚོ་སྐྱིད།2020-01-22T04:17:04+00:00

གདུགས་དཀར་ཡག འབུམ་མཚོ་སྐྱིད།

·音乐/声音 - MV·剧情短片 - 爱情9.0w播放3.0w人气值
发布时间:2020-01-22 12:174K

扫码使用新片场app投屏

ཙོང་ལ་ནས་ཆང་སྔོན་མོ། 宗拉青稞酒 གཞས་ཚིག ཞི་བདེ་ཉི་མ། གཞས་གདངས། གདུགས་དཀར་ཡག གཞས་པ། གདུགས་དཀར་ཡག འབུམ་མཚོ་སྐྱིད། འདི་ནས་འབྲུ་སྔོན་མོའི་རུ་མ་བྱས་པའི་ཆང་ཡིན། འདི་གངས་ཆུ་སྔོན་མོའི་རུ་རྟ་བྱས་པའི་ཆང་ཡིན། དྲིན་མ་ལོས་བུ་ཆུང་བསྙལ་བསྙལ་བྱས་་པའི་ཆང་ཡིན། དྲིན་ཕ་ལོས་བུ་ཆུང་སྐྱོང་སྐྱོང་བྱས་པའི་ཆང་ཡིན། ཨེ་མ་གྲོགས་པོ་ཡ་གྲོགས་པོ། ཞལ་ལ་ཁྱེར་ན་ཞལ་ངོ་དྲོ་ཞེས་མེས་པོས་གསུངས་ཡོད། ཁ་ལ་ཁྱེར་ན་ཁ་སེམས་བདེ་ཞེས་མེས་པོས་བསྟད་ཡོད། ཙོང་ལ་ནས་ཆང་། ཁ་ལ་ཞིམ་པའི་ནང་ཆང་། འདི་འཐུང་གི་མི་ལ་བསོད་ནམས་ཆེ། བདག་གཞིས་མགྲོན་ཕེབས་པའི་ཉིན་མོར་འཛོམས་པའི་ཆང་ཡི་ན། ཕ་ཨ་ཁུ་བཞུགས་པའི་ཉིན་མོར་སྐྱིད་ཀྱི་ཆང་ཡིན། གཏམ་ཀུ་རེའི་བློ་སྒོ་ཡུན་གྱིས་ཕྱེ་པའི་གསེར་སྐྱེམས་ཡིན། གླུ་རྩེད་རིག་ངག་སྒོ་ལྷོད་ཀྱིས་ཕྱེ་པའི་རྩེད་ཆང་ཡིན། ཨེ་མ་གྲོགས་པོ། ཡ་གྲོགས་པོ། འདི་མི་བཞེས་མ་ཟེར་ང་ཚོ་བོད་པའི་ནས་ཆང་ཡིན། འདི་མི་མཆོད་མ་གསུང་ང་ཡི་སེམས་ཀྱི་མཆོད་ཆང་ཡིན། ཙོང་ལ་ནས་ཆང་། ལུས་ལ་སྨན་པའི་ནས་ཆང་། འདི་འཐུང་བའི་མི་ལ་ཚེ་ཐག་རིང་།

标签

评论

等待加载中…