我们在路上

我们在路上2020-02-20T11:20:08+00:00

我们在路上

·音乐/声音 - MV1.6k播放475人气值
发布时间:2020-02-20 19:20

扫码使用新片场app投屏

ང་ཚོ་ལམ་ལ་ཆས། ཚིག བེ་དུང་། དབྱངས། ན་ན། མཉམ་ལེན། བསོད་ནམས་སྟོབས་རྒྱལ། ན་ན། ལྷ་རྒྱལ་ཚེ་རིང་། ཨ་ཀྱ་ཀླུ་མོ་མཚོ། སྒྲོལ་མ་འཚོ། ནད་གདོན་གྱི་གོད་ཆགས་རྒོལ་རེ་ཚ་རུང་གདོང་མཆོང་བྱེད། འཆི་བདག་གི་སྒོ་དྲུང་ནས་བླ་མེད་ཀྱི་ཚེ་སྲོག་སྐྱོབ་པའི། སྙིང་སྟོབས་ཀྱི་གོ་ཁྲབ་གྱོན་པའི་ལྷ་རྗེ་བ་ལམ་ལ་ཆས་ཡོད། དེ་རིང་གི་ང་ཚོའི་དཔུང་རྡང་མཉམ་གཤིབ་ཀྱིས་ང་ཚོའི་ཆེད་དུ་ལམ་ལ་ཆས་དགོས། ང་ཚོ་མི་ཡིན། མི་ལ་མིག་ཡོད། མིག་འདིའི་ང་ཚོ་མཐོང་དགོས། ས་ཆེན་སྤུན་ཟླ། སང་ཉིན་གྱི་ང་ཚོ་ལ་རྒྱལ་ཁའི་དཔའ་དར་ཡོད། སྐྱིད་སྡུག་གི་འགྲུལ་བཞུད་ཉིན་མཚན་མེད་རུང་སྙིང་རུས་བསྐྱེད། ལྷག་བསམ་གྱི་འོད་ཟེར་དེས་མུན་ནག་གི་གཡུལ་ས་གཏོར་བའི། བདེན་དོན་གྱི་སྤྲིན་ཕུང་གཡོ་བའི་གཞུང་ཞབས་པ་ལམ་ལ་ཆས་ཡོད། དེ་རིང་གི་ང་ཚོའི་ཚོ་ཤོག་མཉམ་སྒྲིལ་གྱིས་ང་ཚོའི་ཆེད་དུ་ལམ་ལ་ཆས་དགོས། ང་ཚོ་མི་ཡིན། མི་ལ་སྲོག་ཡོད། སྲོག་འདི་ང་ཚོས་གཅེས་དགོས། ཤ་རུས་ཕུ་ནུ། སང་ཉིན་གྱི་ང་ཚོ་ལ་གསོན་པའི་འཇིག་རྟེན་ཡོད། དཀའ་ངལ་གྱི་སེམས་ཅན་ཉམ་རེ་ཐག་ཀྱང་གཞོགས་འདེགས་བྱེད། གཏོང་ཕོད་ཀྱི་སྟོབས་ཤུགས་དེས་སུ་ཞིག་གི་རྣམ་ཤེས་སྐྱོབ་པའི། བྱང་སེམས་ཀྱི་མེ་ལྕེ་འབར་བའི་འབྲོག་མི་ཚོ་ལམ་ལ་ཆས་ཡོད། དེ་རིང་གི་ང་ཚོའི་བློ་གཤོག་མཉམ་རྐྱོང་གིས་ང་ཚོའི་ཆེད་དུ་ལམ་ལ་ཆས་དགོས ང་ཚོ་མི་ཡིན། མི་ལ་སེམས་ཡོད། སེམས་འདིའི་ང་ཚོ་ཤེས་དགོས། འགྲོ་བ་མྱི་ལགས། སང་ཉིན་གྱི་ང་ཚོ་ལ་ཞི་བའི་འཚོ་གནས་ཡོད།

标签

评论

等待加载中…