2021 索朗闹吾新单曲《玉石》发布!

2021 索朗闹吾新单曲《玉石》发布!2021-07-09T09:44:02+00:00

2021 索朗闹吾新单曲《玉石》发布!

·音乐/声音 - MV1.0k播放276人气值
发布时间:2021-07-09 17:44

扫码使用新片场app投屏

གཡུ་ཆུང་དྲུག་དཀར།|玉石 ཚིག/ཚེ་རིང་རྣམ་རྒྱལ། 作词:才仁南甲 དབྱངས།/འབྲུག་པའི་དམངས་གཞས། 作曲:不丹民歌 གཞས་པ།/བསོད་ནམས་ནོར་བུ། 演唱:索朗闹吾 རྒྱན་གཞན་དང་མི་འདྲ་རིན་ཆེན་གཡུ་དྲུག་དཀར། རྟེན་གཅིག་ལ་མི་མཚུངས་ཆུང་འདྲིས་མཛའ་སེམས་ཀྱི་དྲན་རྟེན། གཡང་གང་གིས་མི་དོ་ལས་ཀྱི་གཡང་རྫས་འདི། གཡུ་གཞན་དང་མི་འདྲ་མེས་པོའི་བྱིན་རླབས་ཀྱི་མགུར་རྒྱན། གཡུ་ལ་དྲུག་དཀར་དྲུག་དམར། དགའ་ལོས་གནང་བའི་སེམས་རྟེན། ང་ཡི་གཡུ་ཆུང་དྲུག་དཀར། སྐེ་རྒྱན་གཞན་དང་མི་འདྲ། ལུས་ལྷ་ཡི་གཏན་མཁར་བྱས་ཡོད། གཡུ་ལ་དྲུག་དཀར་དྲུག་དམར། སྙིང་སྡུག་ལན་བུ་རྒྱན་ཆས། ང་ཡི་གཡུ་ཆུང་དྲུག་དཀར། གཡང་རྫས་གཞན་དང་མི་མཚུངས། མདའ་དར་ཡི་རྒྱན་ཏུ་བཏགས་ཡོད། ནོར་གཞན་དང་མི་དཔེ་བྱམས་པའི་ལག་རྟག་འདི། རྒྱུ་གང་ལ་མི་འདྲ་གསང་གཏམ་ཁ་ཆད་ཀྱི་འདུད་རྡོ་ཡིན། མི་སུ་ལ་མི་དབང་སྙིང་གི་གཡུ་ཆུང་འདི། འདོག་གང་བསམ་མི་ཆོག་མི་སེམས་མི་སེམས་ཀྱི་སྒྲོག་གུ་ཡིན། གཡུ་ལ་དྲུག་དཀར་དྲུག་དམར། ཚེ་རོགས་བཟང་པོའི་སྐྲ་རྒྱན། ང་ཡི་གཡུ་ཆུང་དྲུག་དཀར། མཛེས་རྒྱན་གཞན་དང་མི་འདྲ། ཞེ་མཐུན་ཡི་སེམས་པ་གནས་ཡོད། གཡུ་ལ་དྲུག་དཀར་དྲུག་དམར། དམ་པས་གནང་བའི་བླ་གཡུ། ང་ཡི་གཡུ་ཆུང་དྲུག་དཀར། གཡུ་ཆུང་གཞན་དང་མི་འདྲ། ཁྱིམ་རྒྱུད་ཀྱི་གཡང་རྟེན་བྱས་ཡོད།

标签

评论

等待加载中…