缘的命珠ཤེར་བསྟན། མེ་ཏོག་ལྷ་མོ།

缘的命珠ཤེར་བསྟན།  མེ་ཏོག་ལྷ་མོ།2021-12-22T08:11:50+00:00

缘的命珠ཤེར་བསྟན། མེ་ཏོག་ལྷ་མོ།

·音乐/声音 - MV10.6w播放3.6w人气值
发布时间:2021-12-22 16:114K

扫码使用新片场app投屏

ལས་ཀྱི་སྨིན་དྲུག། 缘的命珠 གཞས་ཚིག་གངས་དཔལ་གྱིས་བརྩམས། 作词: 岗华 གཞས་དབྱངས། དྲུང་མཚོ་ཤེས་རབ་རྡོ་རྗེ། 作曲: 忠措·西仁多杰 གཞས་མཁན། ཤེར་བསྟན་དང་མེ་ཏོག་ལྷ་མོ། 演唱: 谢旦 美朵拉毛 བདག་ཡིད་ཨུ་དུམ་ཝ་རའི་སྐྱེད་ཚལ་ན། ཁྱེད་ཀྱི་ཟུར་མིག་བུང་བ་གཡོ་བཞིན་འདུག བདག་ཡིད་ཟླ་འོད་ལྷུང་བའི་མཚོ་ནང་ན། ཁྱེད་ཀྱི་འཛུམ་མདངས་ད་དུང་སྐྱོམ་གྱིན་འདུག། སྦྲ་མཐིང་སྨུག་ནང་གི་འབྲོག་ཕྲུག་མ་ལགས། སྤང་མེ་ཏོག་ནང་གི་སེར་ཆེན་མ་ལགས། ངའི་ཚེར་དཀར་གྱི་ལུག་ཆུང་འཚོ་རོགས་ལགས། རྟ་འདོ་བ་ཡི་གོང་ནས་སྐུ་ཚེ་རིང་། དགོད་འཛུམ་ལ་བྱུ་རུའི་དམར་ཁ་བབས་པའི་བུ་མོ། རྫི་གླུ་ལ་ཁུ་ལོའི་གྲེ་འགྱུར་རྫོགས་པའི་བུ་མོ། སྨུག་པའི་ན་བུན་ཁུར་བའི། ། རྫ་རྒྱུད་གཅིག་གི་ཡུ་མོར། ། རྫ་ཆུ་འཐུང་རོགས་ང་ཡོང་། ། རྫ་རྩྭ་ཟ་རོགས་ང་ཡོང་། ། རྨི་ལམ་འཇའ་རིས་འཁྱུག་པའི་མེ་ལོང་ནང་། ཁྱེད་ཀྱི་གཡུ་ཡི་རྣ་ཆ་འགུལ་གྱིན་འདུག། མི་རྟག་སྒྱུ་མའི་སྨག་ཆེན་འཐིབ་ན་ཡང་། ། སྐྱེ་ཞིང་སྐྱེ་བར་ཁྱེད་ལ་མཇལ་སྙིང་འདོད། སྡེ་ཆེན་པོའི་དཀྱིལ་གྱི་འབྲོག་ཕྲུག་མ་ལགས། ནང་ན་ཟླའི་གྲལ་གྱི་སྐྱེས་ཡག་མ་ལགས། ངའི་ཡང་ཆུང་གི་མེ་ཏོག་འཐུ་རོགས་ལགས།

标签

评论

等待加载中…