མཛའ་གཅུགས་དབྱངས་ཀྱི་མཆོད་པ། 友谊的旋律

མཛའ་གཅུགས་དབྱངས་ཀྱི་མཆོད་པ། 友谊的旋律2022-12-02T02:40:00+00:00

མཛའ་གཅུགས་དབྱངས་ཀྱི་མཆོད་པ། 友谊的旋律

·音乐/声音 - MV468播放100人气值
发布时间:2022-12-02 10:40四川

扫码使用新片场app投屏

མཛའ་གཅུགས་དབྱངས་ཀྱི་མཆོད་པ། ༼མགོ་ལོག་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གི2018ལོའི་མཐར་ཕྱིན་འཛིན་གྲྭ་བདུན་པའི་འཛིན་གཞས༽ ཚིག གེ་སར་སྐྱབས། དབྱངས། གེ་སར་སྐྱབས། ལེན་མཁན།རིག་འཛིན་མགོན་པོ། དབང་འདུས་རྡོ་རྗེ། སྐལ་བཟང་། བསོད་ནམས་ཚེ་རིང་། 友谊的旋律 (果洛州民族高级中学2018届毕业班七班班歌) 曲:改杰(格萨尔甲) 词:改杰(格萨尔甲) 演唱:仁增公保、昂德多杰、 尕桑、索南才让 སྔོན་བསགས་ལས་ཀྱིས་བསྩལ་བའི་ལམ་གྲོགས་ཡིན།། ཕུགས་འདུན་གཅིག་ཏུ་བཅོལ་བའི་དཔུང་གྲོགས་ཡིན།། ང་ཚོར་སྤུན་དང་འདྲ་བའི་བརྩེ་བ་ཡོད།། ང་ཚོར་གཉེན་དང་འདྲ་བའི་དུང་ཞེན་ཡོད།། སློབ་གྲོགས་ཚོ་མཉམ་དུ་འགྲོ། མཉམ་དུ་འགྲོ། བརྩེ་བའི་ལག་རྡང་སྦྲེལ་ཏེ་མཉམ་དུ་་་འགྲོ། དོན་མེད་ཀུ་རེའི་གཏམ་གྱི་འཚོ་བ་ཡོད།། རྒྱུགས་སྐར་མཐོ་དམན་བར་གྱི་གནའ་གཏམ་མང་།། སྐྱིད་ལ་སྡུག་པའི་སློབ་རའི་གླིང་ག་ན།། ལང་ཚོའི་ཉི་མ་འཁྱོལ་བའི་རིན་པ་ཡོད།། སློབ་གྲོགས་ཚོ་མདུན་དུ་སྐྱོད། མདུན་དུ་སྐྱོད། མ་འོངས་བདེ་སྐྱིད་བསུ་རུ་མདུན་དུ་་་་སྐྱོད། སློབ་དཔོན་དམ་པའི་གསུང་སྙན་དམ་དུ་འཛིན།། ཤེས་བྱའི་འོ་མཚོ་འཐུང་བཞིན་མདུན་དུ་སྐྱོད།། རིག་གཞུང་སྣ་མང་སྦྱངས་ཏེ་མི་རིགས་སྐྱོངས།། ང་ཚོ(ནི )བོད་པ་ཚང་གི་སང་ཉིན་ཡིན།། སློབ་གྲོགས་ཚོ་མཉམ་དུ་སྦྱོངས། མཉམ་དུ་སྦྱོངས། མཐུན་པའི་ཨ་ལོང་སྦྲེལ་ཏེ་མཉམ་དུ་་་་སྦྱོངས། སྐྱོ་ན་སྡུག་གི་སྙིང་གཏམ་གླེང་ས་ཡིན།། སྐྱིད་ན་སེམས་ཀྱི་གླུ་ཆུང་ལེན་ས་ཡིན།། ཁོ་བོའི་སེམས་ན་ཁོ་མོའི་འཛུམ་མདངས་མཛེས།། ཁོ་མོའི་སེམས་ན་ཁོ་བོའི་བཞིན་རས་གསལ།། སློབ་གྲོགས་ཚོ་སྙིང་གཏམ་རྗོད། སྙིང་གཏམ་རྗོད། མ་འོངས་རྨི་ལམ་གླེང་བཞིན་སྙིང་གཏམ་་་་རྗོད། ཤ་དང་ཁྲག་གི་འབྲེལ་བ་ང་ལ་མེད།། རྒྱུ་དང་འབྱོར་བའི་དྲིན་གཟོ་ཁྱོད་ལ་མེད།། བརྩེ་བ་མཐོན་པོ་རྨ་རྒྱལ་གངས་དང་མཉམ།། དུང་བ་ཟབ་མོ་ཁྲི་ཤོར་རྒྱལ་མོར་འདྲེས།། སློབ་གྲོགས་ཚོ་གླུ་ཞིག་ལོངས། གླུ་ཞིག་ལོངས། སྐྱིད་པའི་ཞབས་བྲོ་འཁྲབ་བཞིན་གླུ་ཞིག་་་་ལོངས། འབད་པའི་སྡུག་གི་ཁུར་བོ་འཁུར་གྲོགས་ཚོ།། འདུ་བྲལ་མི་རྟག་སྒྱུ་མའི་གར་དང་མཚུངས།། ཁྱོད་དང་ང་ཡི་སྐྱིད་སྡུག་རེས་མོ་འདི།། བྲིས་པས་མི་ཚར་གེ་སར་སྒྲུང་དང་མཉམ།། སློབ་གྲོགས་ཚོ་རླུང་རྟ་དར། རླུང་རྟ་དར། ཁ་ལས་དབང་ཐང་རྒྱས་ལ་རླུང་རྟ་་་་དར།

标签

评论

等待加载中…