扎西平措2023新歌|同心

扎西平措2023新歌|同心2023-01-01T13:02:07+00:00

扎西平措2023新歌|同心

·音乐/声音 - MV·音乐/声音 - 其他592播放141人气值
发布时间:2023-01-01 21:024K

扫码使用新片场app投屏

ང་ཚོ་མཉམ་དུ་ཡོད། གཞས་ཚིག བཀྲ་ཤིས་ཕུན་ཚོགས། གཞས་གདངས། བཀྲ་ཤིས་ཕུན་ཚོགས། ༡ བདེ་ཞིང་སྐྱིད་པའི་མཉམ་འཛོམས་མཇའ་ལྟར་ཡལ། རྐྱེན་ངན་ནད་ཀྱིས་དགོད་སྒྲའི་ཞལ་རས་བཀབ། སང་ཉིན་མཉམ་འཛོམས་དུས་དེ་གང་དུ་ཡོད། འཁོར་བའི་ལས་དབང་བཙན་པོར་སྐྱོ་ལྷང་ལྷང་། ཁྱེད་ཀྱི་འཛུམས་མདངས་འགོག་སྲུང་རས་ཀྱི་བཀབ། ང་ཡི་དགོད་སྒྲ་ལེ་བར་ས་ཡི་ཆོད། ནད་མེད་ཚེ་རིང་ལས་དེ་གང་དུ་ཡོད། ལས་ཀྱིས་འབྲས་བུ་སྨིན་པར་སྐྱོ་ལྷང་ལྷང་། སེམས་ཤུགས་ཅིག་གནང་དང་། དེ་རིང་རྐྱེན་ངན་ང་ཚོ་མཉམ་དུ་ཡོད། མངུན་དུ་བསྐྱོད། སང་ཉིན་དུས་བཟང་ང་ཚོའི་སྨོན་ལམ་ཡོད། ༢ ལྷག་བསམ་དཀར་བའི་གོས་དཀར་ཕོ་ཉའི་ཚོགས། ཉམ་ཐག་འགྲོ་བ་རང་གི་སྤུན་ཉེ་ཡིན། རང་གི་བདེ་བ་རྒྱུས་མེད་འགྲོ་ལ་སྦྱིན། དགའ་སྐྱོའི་མིག་ཆུ་གངས་ལྗོངས་ཡོངས་ལ་འཁྱབ། ཉིན་མཚན་ལྟོས་མེད་བརྩེ་བའི་བྱིན་གྱིས་ཁེངས། ཞལ་རས་མི་མཇལ་སེམས་ནང་དྲོ་སྐྱིད་གནང་། ཕ་རིའི་མཇའ་ཚོན་མཇལ་བར་རེ་སྒུག་ཞུས། མཐུན་སྒྲིལ་མེ་ཏོག་དྲི་ཞིམ་གང་སར་འཐུལ། སེམས་ཤུགས་ཅིག་གནང་དང་། རྐྱེན་ངན་བར་ཆད་ང་ཚོ་མཉམ་དུ་ཡོད། མདུན་དུ་བསྐྱོད། འཚེ་མེད་ཞི་བདེར་ང་ཚོས་ལག་གདངས་སྦྲེལ།

标签

评论

等待加载中…