藏族古风新年࿐ལོ་སར་བཀྲ་ཤིས་དགའ་འཁྱིལ། 演唱:康旺加

藏族古风新年࿐ལོ་སར་བཀྲ་ཤིས་དགའ་འཁྱིལ། 演唱:康旺加2023-03-25T15:16:54+00:00

藏族古风新年࿐ལོ་སར་བཀྲ་ཤིས་དགའ་འཁྱིལ། 演唱:康旺加

·音乐/声音 - MV·短视频 - 古风1.0k播放277人气值
发布时间:2023-03-25 23:16西藏

扫码使用新片场app投屏

࿐ལོ་སར་བཀྲ་ཤིས་དགའ་འཁྱིལ། ཆབ་སྐྱ་རེངས། ལོ་ལ་ལོ་ལྷ་ཡག་པ།། ཚེས་ལ་ཚེས་སྐར་བཟང་བ།། བཀྲ་ཤིས་ལྷ་ཉི་དཀར་པོ།། ལོ་སར་མགོ་མོ་ཡག་སོང་།། ཚེས་སྐར་བཟང་པོ་བཅུ་འཛོམས།། ལོ་ལྷ་ཁ་དགེ་བཀྲ་ཤིས།། རྟེན་འབྲེལ་གཡང་ལ་འཛོམས་ན།། གཡང་གི་མཚོ་མོ་མཁྱིལ་ཡོང་།། སྐྱིད་ལ་ལོ་གསར་སྐྱིད་པ།། དགའ་དགའ་སྤྲོ་སྤྲོ་གནང་དང་།། གཏམ་ལ་རྟེན་འབྲེལ་བཟང་བ།། ཟས་ལ་འཛོམས་གསུམ་འཛོམས་པ།། བཀྲ་ཤིས་ལྷ་ཉི་དཀར་པོ།། ལོ་སར་མགོ་མོ་ཡག་སོང་།། ཟས་ལ་དྲོ་བ་བརྒྱ་འཛོམས།། གཏམ་ལ་ཁ་དགེ་བཀྲ་ཤིས།། འབྲུ་བཅུད་ཟས་ལ་འཛོམས་ན།། མི་ནོར་སྐྱིད་ལ་འཁོར་ཡོང་།། སྐྱིད་ལ་ལོ་གསར་སྐྱིད་པ།། དགའ་དགའ་སྤྲོ་སྤྲོ་གནང་དང་།། མི་ལ་མི་རྒྱུད་ཡག་པ།། ཕ་མ་སྤུན་མཆེད་འཛོམས་པ།། བཀྲ་ཤིས་ལྷ་ཉི་དཀར་པོ།། ལོ་སར་མགོ་མོ་ཡག་སོང་།། སྤུན་ཟླ་བརྒྱ་འཛོམས་སྟོང་འཛོམས།། ཕ་མ་ཁ་དགེ་བཀྲ་ཤིས།། ཁྱིམ་ལ་འཛོམས་གསུམ་འཛོམས་ན།། མི་ཚེ་སྐྱིད་ལ་འཁོར་ཡོང་།། སྐྱིད་ལ་ལོ་གསར་སྐྱིད་པ།། དགའ་དགའ་སྤྲོ་སྤྲོ་གནང་དང་།།

标签

评论

等待加载中…